བར་ལྡིང་འབབ་སྤྲིན། = བཞའ་ཚན་ཡོད་པའི་རླུང་དྲ་པོ་ཕོན་ཆེ་ཞིག་ཡར་ལྡང་བའི་རྐྱེན་གྱིས་བར་སྣང་གི་ཆུའི་རླངས་པ་རྣམས་གཤེར་གཟུགས་ཀྱི་ངོ་བོར་བསྒྱུར་བ་ལས་བྱུང་བའི་ཆུ་ཐིགས་སམ་འཁྱགས་པའི་དྭངས་ཤེལ་གྱིས་གྲུབ་པའམ། ཡང་ན་དེ་གཉིས་འདྲེས་པ་ལས་གྲུབ་པའི་སྤྲིན་སྔོ་སྐྱའམ་དུ་བའི་མདོག་ཅན་ནམ་མཁའི་ཁྱོན་ཡོངས་སུ་ལེབ་མོར་ཡུག་གཅིག་ཏུ་ཁྱབ་ཡོད་པ་ཞིག སྤྲིན་དེ་རིགས་ཁག་གཅིག་གི་ཞབས་ངོས་ལ་རླབས་རིས་སམ་ཐིག་རིས་ཀྱི་རྣམ་པ་ལྡན་ཡོད།
